Spread the love

序言

འགོ་བརྗོད།

科学和技术从诞生之时就一直在传播,这是科学的本质决定的,而不是人为的制度规定,科学家之间的学术交流是保证科学成果的验证和持续发展的最重要方式,而技术产品则通过专利制度进行传播促进技术成果的市场化在这本书中讨论的是科学家向非科学家进行科学知识或者与科学有关的文化和价值观的传播,也就是我们经常说的科学普及。

ཚན་རྩལ་གྱི་ངོ་བོའི་དབང་གིས། ཚན་རིག་ལག་རྩལ་བྱུང་མ་ཐག་ནས་ཁྱབ་བརྡལ་ཀྱི་རིམ་པ་བརྒྱུད་བཞིན་མཆིས། ཚན་སྤེལ་གྱི་ལས་ཀ་ནི་གང་ཟག་ཞིག་གིས་སྒྲིག་ལམ་བཟོས་པ་མ་ཡིན་པར། ཚན་རིག་གི་ལག་རྗེས་དང་མཐོང་འབྲས་བཅས་དམངས་ཁྲོད་དུ་བཀྲམ་ཐུབ་པ་དང་། ཚན་རིག་ལས་བྱེད་བར་ནས་ཐོབ་འབྲས་ཉམས་ལེན་དང་རྒྱུན་སྐྱོང་གི་ཐབས་ཤེས་གལ་ཆེན་ཞིག་ཡིན་ནོ།། མ་ཟད་བདག་དབང་དང་ཚོང་དབང་སྒྲིག་སྲོལ་བརྒྱུད་དེ་ཚན་རྩལ་གྱི་འབྲས་བུའམ་ཐོན་རྫས་དག་ཀུན་ཕྱོགས་ཚོང་རར་བཀྲམ་པ་དེས་ཚན་རིག་ཁྱབ་བརྡལ་ལས་ཀར་ལག་རྗེས་མི་དམན་པ་བཞག་འདུག དཔེ་བདེ་འདིའི་ནས་གླེང་འདོད་པ་ནི་ཚན་རིག་པས་ཚན་རིག་པ་མ་ཡིན་པའི་གང་ཟག་ལ་ཚན་རིག་གི་ཤེས་བྱ་དང་ཀུན་སློང་། ད་དུང་ཚན་རིག་དང་འབྲེལ་བ་དམ་པོ་ཆགས་ཡོད་པའི་རིག་གནས་དང་རིན་ཐང་ལྟ་ཚུལ་ཁྱབ་བརྡལ་གཏོང་ཚུལ་གྱི་ལོ་རྒྱུས་བཀོད་རྒྱུ་དེ་རེད། སྟབས་བདེ་པོར་བཤད་ན་ཚན་ཆིག་ཁྱབ་བརྡལ་གྱི་ལོ་རྒྱུས་བརྗོད་ངེས་སོ།།

科学在向大众传播的过程中受到各种社会因素的影响,在不同的时代不同的文化形态和不同的语境中,大众化科学会有不同的术语和概念的变化,只有真正理解这些差异,才能理解这种文化现象。

དམངས་ཁྲོད་དུ་ཚན་རིག་ཁྱབ་བརྡལ་གཏོང་བའི་གོ་རིམ་ཁྲོད། སྤྱི་ཚོགས་ཀྱི་རྒྱུ་རྐྱེན་སྣ་མང་གི་དབང་དུ་ཕྱིན་ནས་དུས་རབས་མི་འདྲ་བ་དང་རིག་གནས་ཀྱི་རྒྱབ་ལྗོངས་མི་འདྲ་བར་བསྟུན་ནས། ཆོས་ཉིད་དང་འདྲ་བར་མིང་དོན་གཉིས་ཀྱི་ཆ་ནས་འགྱུར་བ་ཐེབས་ངེས། དེ་བས་ཚན་རིག་ཁྱབ་བརྡལ་སྐོར་གྱི་བྱེ་བྲག་གི་སྣང་ཚུལ་དག་ལ་རྒྱུས་ལོན་བྱུང་དགོས་ན། སྔོན་མར་ངེས་པར་དུ་རིག་གནས་དང་སྤྱི་ཚོགས་ཁྲོད་ཀྱི་ཧེ་བག་སྣ་ཚོགས་ལ་རྒྱུས་ལོན་ཡོད་དགོས།

长期以来很多人认为科学普及就是将科学知识通俗化的过程或者科学知识向大众传输的单向过程,但是在科普实践过程中,由于对科学普及的本质的不理解,而导致中国与世界的人共同认识的差异,这种差异主要来自对世界科学发展传播历史的不完全理解,甚至误解,科学传播,由于受到文化尤其受到历史和传统文化形成的民族文化的影响,可能在某种程度上会受到制度和文化的影响,但科学进入到社会文化层面的时候,对科学的认识就会受到认知模式和理解模式的影响。

འདས་ཟིན་པའི་དུས་ཡུན་ནང་། མི་རྣམས་ཀྱི་སྣང་ངོར་ཚན་རིག་ཁྱབ་བརྡལ་གྱི་ལས་ཀ་ནི་མཐའ་གཅིག་ཏུ་ཚན་རིག་གི་རྟོགས་དཀའ་བའི་གཞུང་ལུགས་གོ་བདེ་པོར་གཏོང་བ་དང་ཡང་ན་མཐའ་གཅིག་ཏུ་ཚན་རིག་ཞིབ་འཇུག་ལས་ཐོན་པའི་ད་ཡོད་ཀྱི་ཤེས་བྱ་དག་སྤྱི་དམངས་ཡོངས་ལ་ངག་གྲོལ་བའི་གོ་རིམ་དེར་གོ་བ་ལེན་བཞིན་ཡོད། འོན་ཀྱང་ཚན་སྤེལ་གྱི་ལས་ཀར་དངོས་སུ་ཞུགས་པའི་གོ་རིམ་ཁྲོད། ང་ཚོས་རྒྱུས་ལོན་བྱུང་བ་ལྟར་ན། འཛམ་གླིང་ཁྱོན་ཡོངས་ཀྱི་ཚན་རིག་འཕེལ་རྒྱས་ཀྱི་གོ་རིམ་དང་ཚན་སྤེལ་བྱེད་ལུགས་ལ་གོ་བ་མ་ལོན་པ་དང་། གོ་བ་ལོག་པ། ཡང་ནམ་གཞི་ནས་ངག་མ་གྲོལ་བས་རྐྱེན་དང་། ཚན་རིག་གི་ཆེས་གཞི་རྩ་ཅན་གྱི་ངོ་བོར་ངེས་ཤེས་གསལ་པོ་མེད་པས། ཚན་རིག་གི་བདེན་པ་དང་མི་རྣམས་ཀྱི་སྣང་ངོ་བར་གོ་ལོག་འགའ་རེ་འབྱུང་སྲིད། སྤྱི་ཚོགས་ཆ་གེ་མོའི་རིག་གནས་དང་སྒོས་སུ་དེ་དང་འབྲེལ་བའི་ལོ་རྒྱུས་དང་སྲོལ་རྒྱུན་འདུ་ཤེས་ལ་མི་རིགས་རང་གི་ཁྱད་གཤིས་གང་མང་ཡོད་པས། ཚན་རིག་གི་གྲུབ་འབྲས་དང་ཚན་སྤེལ་གྱི་ལས་ཀ་འདི་ཉིད་རིག་གནས་ཀྱི་སྣང་ཚུལ་ཞིག་ཏུ་ཆགས་སྐབས། སྤྱི་ཚོགས་ཀྱི་སྒྲིག་སྲོལ་དང་རིག་གནས་འདུ་ཤེས་རྐྱེན་བྱེད་ནས་བག་ཆགས་གང་མང་ཐེབས་ངེས་སོ།།

丘吉尔曾经说过,你能看到多远的过去,就能看到多远的未来,科学传播历史对于今天的科学传播或者科普具有重要的意义,可以说不了解科学传播发展的起源和发展,就无法知道今天的科学传播的本质是什么,更不能了解科学与社会之间的关系,更不能预见到科学传播未来发展的趋势。

འདས་ཟིན་པའི་དོན་ལ་ཅི་ཙམ་ཆ་འཇོག་ཡོད་ན། མ་འོངས་བའི་བགྲོད་ལམ་ལ་དེ་འདྲའི་རྒྱུས་མངའ་ཡོད་ངེས་ཞེས་དབྱིན་ཇིའི་སྲིད་འཛིན་སྔོན་མ་སྐུ་ཞབས་ཝུན་སི་ཐོན་ཆིག་ཅི་ཨར་ལགས་ཀྱིས་གསུང་པ་ཇི་བཞིན། ཚན་རིག་ཁྱབ་བརྡལ་ནི་དེང་སང་གི་དུས་ལ་དོན་སྙིང་ཆེན་པོ་ལྡན། ཚན་སྤེལ་གྱི་ལོ་རྒྱུས་དང་འཕེལ་རིམ་མ་རྟོགས་ཚེ། ང་ཚོས་ད་ལྟའི་དུས་སུ་ཚན་རིག་ཁྱབ་བརྡལ་གྱི་ལས་ཀའི་ངོ་བོ་ཅི་ཡིན་པ་གཏན་ནས་རྟོགས་ཐབས་བྲལ། མ་ཟད་ཚན་རིག་དང་སྤྱི་ཚིགས་བར་གྱི་འབྲེལ་བ་དང་། མ་འོངས་པའི་ཚན་རིག་འཕེལ་རྒྱས་ཀྱི་ཁ་ཕྱོགས་དང་རྩ་དོན་ལ་རྒྱུས་ལོན་འབྱུང་ཐབས་བྲལ།