Spread the love

 

ས་སྟེང་ནས་ཡུན་རིང་ལ་ལངས་བསྡད་ནས 

ང་ཚོའི་རྣམ་ཤེས་ཉིད 

གཤོག་ཟུང་རྒྱས་མ་ཟིན་པའམ 

གཤོག་རྩལ་མཁའ་ལ་འཕྱོར་རྒྱུའི་འཐུ་རྩལ་ཞུགས་མེད། 

 

དེ་བས།  བྱ་རྒྱལ་ཁྱུང་ཆེན་གྱིས 

སུན་རྩེ་འཁྲུགས་པ 

ཚོད་མ་ཟིན་པའི་ལབ་ཞིག་ལ 

ཡིད་ཆེད་ན་འདོད། 

 

མཐོ་སྒང་ཆེན་མོའི་ 

ཕྱོགས་བཞིར་ཁྱབ་པའི་དགོན་པ་རེ་རེ 

བྱུ་རྒྱལ་ཁྱུང་ཆེན་གྱིས་མགོན་སྐྱབས་ཡོད། 

 

 ཡུན་ཙམ་ལ།  ང་ཡིས་མེས་པོས 

སྲུང་མ་གང་མང་བསྐྲུན་པ 

གཞི་ནས་བདེན་ལུགས་ཞིག་རེད། 

 

  

 

གནའ་བའི་གཏམ་རྒྱུད་ལས 

རྨ་བྱ་ནི 

 ཁྱུང་ཆེན་གྱི་འབྱུང་བ་ལས་སྐྱེས་ཞིང 

མཁའ་འགྲོ་རྡོ་རྗེ་མ་ཡིན་ལ 

སྤྱན་རས་འོད་གསལ་མ་ཡང་ཡིན། 

 

གནའ་བའི་ལྷ་སྒྲུང་དུ  

རྨ་བྱ་ནི 

མཛེས་སྡུག་དང་བློ་གྲོས་གཉིས་ལྡན་གྱི་  

གྷུ་རེ་སུའི་ལྷ་མོའི་སྙིང་ནོར་ཡིན། 

 

ད་ལྟ 

གྲོང་ཁྱེར་གྱི་སྒེའུ་ཁུང་བར 

རྨ་བྱ་ནི་ཁྱིམ་དུ་གཞོལ་བའི་ཕྱུགས་ཟོག་ཙམ 

བཀྲག་མདངས་ཀྱི་རྔ་མ་བརྐྱང་ཏེ 

སྐྱེ་བོ་ཀུན་གྱི་མིག་དབང་འཕྲོག་རྒྱུ་མ་གཏོགས་ 

ཅི་ཡང་ཤེས་མི་གདའ། 

 

 

ཉམས་ཆུང་ངས 

ཁྲོམ་ལམ་ནས་རྔ་སྒྲོ་ཞིག་ཁྱེར་ཡོང 

ནག་ཐུབ་བེའི་མིག་མདངས་གྲས་སུ 

ཟངས་མ་ལྟ་བུའི་ཞི་འཇམ་དེ 

པི་ཝང་གི་དབྱངས་ཐུབ་ཡོད། 

 

ལོ་དེར་ཡུལ་ཤུལ་དང་འབའ་ཐང་ལ་ 

ཁ་བྲལ་པ་ནས། 

འཁོར་བའི་ལམ་སྐལ་ཀྱི་གངས་ལྗོངས་ཕྱུག་མོ་དང 

གངས་སེང་དཀར་མོའི་འོ་ཞོ 

བརྟན་ཆགས་ཀྱི་རྐེང་རུས་དུ་འཐིམ་མ་སོང་། 

 

མཚན་གུང་དུ་སྒོམ་རྒྱབ་མོད 

མི་རྟག་པའི་བདེན་ལུགས་ཧ་མ་གོ 

ཤིང་སྤོས་ཀྱི་དྲི་ཞིམ་དེ་ལས 

ས་གཞིའི་གསོན་ཤུགས 

ཏོག་ཙམ་ཚོར་བྱུང་། 

 

༢༠༡༦ལོའི་ཟླ་གཉིས་པའི་ཚེས་ཉེར་ལྔ་ཉིན།