འདོད་རྔམ་ནི་ངན་པ་ཞིག་དང་། ཀུན་སྤྱོད་དང་མི་མཐུན་པའི་བྱེད་སྟངས་ཤིག་རེད། ལྷག་པར་དུ་དེས་མི་རྣམས་སྡུག་བསྔལ་ཚོར་མི་ཐུབ་པའི་སྐབས་སུ། འདོད་རྔམ་ནི་མི་སྒེར་གྱི་སྡིག་པ་ཞིག་ཡིན་པ་མ་ཟད། ད་དུང་སྤྱི་དམངས་ཀྱི་ཀུན་སྤྱོད་དང་འགལ་རྐྱེན་དྲག་པོ་ཡོད།

貪婪是一種惡,是一種不道德的存在方式,尤其是當她使人們察覺不到痛苦的時候。貪婪不僅是一種個人的惡,它還與公民道德有劇烈的衝突。

 

དེང་རབས་ཀྱི་ཆབ་སྲིད་གནས་བབ་ཁྲོད། དྲང་གཞག་བྱ་བ་ནི་རང་དབང་དང་སྒེར་གྱི་ཁེ་དབང་ལ་བརྩི་འཇོག་བྱེད་པའི་འདུ་ཤེས་དང་། མ་མཐར་ཡང་ཁེ་ཕན་རིང་ལུགས་བཟུང་ནས་་བདེ་སྐྱིད་ཆེ་ཤོས་སུ་འགྱུར་བའི་འདུ་ཤེས་མཚོན་པར་གོ་དགོས།

在現當代政治語境中,公正意味着尊重自由和個體權利這一觀念至少與功利主義使幸福最大化觀念。

 

དོན་དངོས་ཀྱི་རྩོད་གླེང་ལ་འབྲེལ་འདྲིས་མི་བྱེད་པའི་མཚན་ཉིད་རིག་པ་ནི་བློ་གྲོས་ཀྱི་མྱ་ངན་ཐང་ལྟ་བུར་ཆགས་འགྲོ།

一種毫不接觸現實爭議的哲學,只能形成一種貧瘠的烏托邦。

 

ང་ཚོ་ཚང་མ་སྤྲོ་སྣང་ལ་དགའ་ཞིང་སྡུག་བསྔལ་ལ་ཞེན་པ་ལོག ཁེ་ཕན་རིང་ལུགས་ཀྱི་མཚན་ཉིད་རིག་པས་གནད་དེ་ཤེས་ཀྱི་ཡོད་པར་མ་ཟད། འཇིག་རྟེན་ཆོས་བརྒྱད་ཀྱི་ལུགས་འདི་རིང་ལུགས་འདིའི་་ཀུན་སྤྱོད་དང་ཆབ་སྲིད་འཚོ་བའི་རྨང་གཞིར་རུ་གྱུར་ཡོད་པ་རེད།

我們都喜歡歡樂而厭惡痛苦。功利主義哲學意識到這一點,並使它成爲道德和政治生活的基礎。

 

ཁེ་ཕན་རིང་ལུགས་དར་སྤེལ་གཏོང་མཁན་་ཀྱི་མཁས་དབང་ཁྲོད། མིའེ་ཡོ་ནི་གང་ཟག་གི་འདོད་བློ་ལ་བསྟུན་པའི་མཚན་ཉིད་རིག་པ་བ་ཞིག་ཡིན་ཞིང་། བྷན་ཆེ་ནི་བློ་བརྟན་པ་ཅན་དང་སྔ་ཕྱིའི་གཅིག་གྱུར་ཅན་ཡིན།

在兩位偉大的功利主義倡導者中,密爾是更加人性的哲學家,而邊沁則更加篤定,更加前後一致。

 

གལ་ཏེ་ང་ཚོར་རང་གཞན་གཉིས་ཀར་དབང་ཆ་འདྲ་མཚུངས་ཡོད་པའི་འདུ་ཤེས་ཆགས་ཚེ། ང་ཚོ་མི་རེ་རེ་ལ་རྩ་བ་དབང་ཆ་ཞིག་ཡོད་དེ། དེ་ནི་རང་ལ་དབང་བའི་ཆ་རྐྱེན་ལ་བསྟེན་ནས་རང་འདོད་ཀྱིས་ལས་ཀ་གང་རུང་བྱེད་ཆོག་པ་དེའོ།།

我們每個人都擁有一種根本的自由權,用自己所擁有的事物去做任何事情的權利,假設我們尊重他人也這樣做的權利。

 

གལ་ཏེ་ང་ཚོར་རང་ཉིད་ཀྱི་ཚེ་སྲོག་དང་ལུས་པོ་ངོ་མ་དབང་བ་ཡིན་ན། ང་ཚོ་རང་ཉིད་ཀྱིས་ང་ཚོའི་ལུས་པོའི་དབང་པོ་ཕྱིར་འཚོང་བྱེད་མིན་དང་། རང་གི་འདོད་བློ་ལྟར་དམིགས་ཡུལ་གང་ཞིག་གི་ཆེད་དུ་ཉེན་ཁ་གང་འདྲ་ཞིག་བརྒྱུད་འདོད་ཡོད་མེད་ཐག་གཅོད་བྱེད་ཆོག

如果我們真的擁有自己的生命和身體,我們就應當由我們自己來決定是否出售我們的身體器官,是否爲了某種目的而甘願冒什麼樣的風險。

 

གལ་ཏེ་རང་དབང་བླ་ན་མེད་པ་རིང་ལུགས་པའི་འདོད་ཚུལ་དེ་འགྲིག་པ་ཞིག་ཡིན། འོ་ན་མི་ཟ་བར་འཐད་པ་བྱུང་བའི་བཅའ་ཁྲིམས་ནི་ལུགས་དང་མི་མཐུན་པ་ཞིག་ཡིན་ལ། རང་དབང་གི་ཁེ་དབང་ལ་གནོད་འཚེ་བཏང་བ་ཞིག་ཡིན།

如果自由至上主義者的主張是對的,那麼禁止達成同意食人的法律就是不正當的,是對自由權利的一種侵犯。

 

རང་དབང་གོང་བཀུར་རིང་ལུགས་དང་ཁེ་ཕན་རིང་ལུགས་གཉིས་ཀྱི་རིགས་འདེད་ལ་བལྟས་ན། རང་འདོད་དུ་དམག་སྐུལ་དང་ལེན་་ཧ་ལམ་གནས་ཚུལ་ཆེས་ལེགས་པ་དང་། བཙན་དྲག་དམག་བསྡུ་ལམ་ལུགས་ནི་དམག་དོན་ཞབས་ཞུའི་བགོ་བཤའི་ཁྲོད་ཆེས་མིལེགས་པའི་བྱེད་ཐབས་ཤིག་ཡིན།

從自由至上主義和功利主義這兩種推理來看,服兵役是似乎是最好的,徵兵制是軍事服務分配中最不可取的方式。

 

དོན་དངོས་སུ་ང་ཚོས་རང་མོས་ཁྲོམ་རའི་ནང་གདམ་ག་བྱས་ཆོག་པའི་རང་དབང་ག་ཚོད་ཡོད་དམ། དམིགས་བསལ་གྱི་སྤྱོད་ལམ་དང་དེ་ལས་མཐོ་བའི་དགེ་བ་ནི་ཚོང་རས་བརྩི་འཇོག་མི་བྱེད་པ་ཞིག་གམ། ད་དུང་དངུལ་ལོར་གྱིས་ཉོ་མི་ཐུབ་པ་ཞིག་རེད་དམ།

我們在自由市場中所做的選擇到底有多自由?是否有一些特定的德行和更高的善是市場所不尊重的,並且是金錢所不能購買的?

 

རྗེས་དཔག་གིས་ང་ཚོའི་འདོད་བློ་བདག་ཏུ་བཟུང་བའི་སྐབས་སུ། ང་ཚོས་འདོད་པ་ལ་བརྟེན་ནས་བདེ་སྐྱིད་བརྩོན་ལེན་བྱེད་པ་མ་ཡིན་པར། སྡུག་བསྔལ་ལ་གཞོལ་བའང་མ་ཡིན།

當理性掌管我們的意志時,我們就不是收慾望驅動去追求快樂,避免痛苦。

 

བདེ་འཇགས་སྲུང་ཐག་དང་ང་ཚོའི་མཁྲིས་རྒྱུ་གཤེར་རྩི་ཚོད་འཛིན་བྱེད་པ་སོགས་ཀུན་སྤྱོད་ཀྱི་བྱ་སྤྱོད་དམ་གདམ་ཀ་མ་རེད།

大好安全帶和控制我們的膽固醇等,都是一些謹小慎微的事情,而並不是道德的行爲。

 

ཤེས་རྨོངས་ཀྱི་རྣམ་པ་བརྒྱུད་དེ་སྤྱི་ཚོགས་ནང་གི་དེའི་གོ་གནས་དང་། ཁོང་གི་དགེ་མཚན་དང་ཡང་ན་སྐྱོན་ཆ་དང་། ཁོང་གི་རིན་ཐང་ངམ་དམིགས་ཡུལ་གྱིས་ཤེས་མཁན་མེད། དེ་བས་མི་སུ་ཡིན་རུང་(བསམ་ཤེས་མེད་ཀྱང་)ཉོ་ཚོང་གི་གོ་གནས་སྔར་ལས་ལེགས་པ་ཐོབ་མི་ཐུབ་པར་གཏན་འཁེལ་བྱེད་ཡོད།

無知之幕通過保證沒有人知道它在社會中的地位,他的優點或缺點,他的價值或目的,從而保證了沒有人能夠(即使無意識地)利用了更好地交易地位。

 

རྟག་པར་རྒྱལ་ཁ་ཐོབ་ནི་ཀུན་སྤྱོད་ཀྱི་བྱ་དགའ་ལ་བརྩི་དགོས་བར་འདོད་པའི་ལྟ་བ་ནི་ནོར་འཁྲུལ་ཞིག་ཡིན། ང་ཚོས་སྤྱི་ཚོགས་ཁྲོད་ཀྱི་ལྟ་སྟངས་འདི་འདྲ་བར་ཞིབ་བསམ་གཏོང་དགོས།

可能這種持續性的觀念——成功應當被看作是對德行的獎勵——是一個錯誤,是我們應當努力消除的神話。

 

སློབ་གསོ་དེ་འཛད་རྫས་ཤིག་ཏུ་བརྩིས་ནས་ཕྱིར་འཚོང་བྱེད་པ་ནི་རུལ་སུངས་ཀྱི་རྣམ་པ་ཞིག་རེད།

將教育當作一種消費品加以銷售,就是一種腐敗。

 

གལ་ཏེ་ང་ཚོས་གླིང་བུ་བགོ་བྱ་རྒྱག་སྐབས་ཆེས་ལེགས་པའི་གླིང་བུ་དེ་སུ་ཞིག་ལ་འཐོབ་འོས་ཤེ་ན། ཡ་ལི་ཧྲི་ཏོ་ཏི་ཡིས་གླིང་བུ་གཏོང་མཁན་ཆེས་བཟང་ཤོས་དེ་དག་ཡིན་དགོས་ཞེས་ལན་སློག་ངེས་ཡིན།

假設我們在分配長笛,誰應當得到最好的長笛呢?亞里士多德的回答是,那些最好的長笛吹奏者。

 

སྤྱི་པའི་ངོ་སོའམ་གཟེངས་བསྟོད་དེ་ལག་རྗེས་མངོན་རུང་བའི་བྱེ་བྲག་གང་ཟག་དེ་དག་ལ་སྤྲད་ན། སྤྱོད་པ་འདི་འདྲ་ལ་བརྟེན་ནས་ཡུལ་ལུང་དེར་ཀུན་སྤྱོད་སློབ་གསོའི་ནུས་པ་ཐོན་ཐུབ།

將公共認可賦予那些展示了公民成就的人,就滿足了這個良好城市所起的教育性的作用。

 

ཨ་རེ་སི་ཊོ་ཏི་ལ་མཚོན་ནས་བཤད་ན། བྲན་གཡོག་ལམ་ལུགས་དེ་དྲང་གཞག་ཏུ་འགྱུར་དགོས་ན། དགོས་མཁོ་ལས་ཆ་རྐྱེན་གཉིས་སྐོང་དགོས་པ་སྟེ། དེ་ངེས་པར་དུ་ལྡོག་ཏུ་མེད་པ་ཞིག་ཡིན་དགོས། ངེས་པར་དུ་རང་ཤུགས་སུ་བྱུང་བ་ཞིག་ཡིན་དགོས།

對亞里士多德而言,奴隸制要成爲公正的,就比需要滿足兩個條件:它必須是必然的;同時也必須是自然的。

 

ཨ་རིའི་གྲོས་ཁང་འོག་མས་བྲན་གཡོག་ལམ་ལུགས་དང་རིགས་རྒྱུད་ཁ་ཕྲལ་ལ་དགོངས་དག་ཞུ་དགོས་མིན་འདེམས་ཤོག་འཕངས་ནས་བརྡས་ཐག་གཅོད་རྩིས་བྱེད་སྐབས། གྲོས་གཞི་འདི་ལ་ངོ་རྒོལ་བྱེད་པའི་གྲོས་མི་ཞིག་གིས་བཤད་རྒྱུར། བྱ་སྤྱོད་དེ་རིགས་་ནི་སྔོན་ཆད་ཁྱོད་ཀྱི་ཡང་མེས་ཀྱི་བྱ་སྤྱོད་ལ་དགོངས་དག་ཞུ་བ་དང་གཉིས་སུ་མེད་པས། དེ་ནི་དེང་གི་མི་རབས་ལ་འབྲེལ་བ་མེད་པར་འདོད།

當美國衆議院準備投票表決是否要爲奴隸制和種族隔離道歉時,以爲反對這個提議的共和黨人,將此行爲視作”爲你曾曾曾祖父的行爲而道歉。”

 

འཚོ་བ་ཞིག་རོལ་བ་ནི་ཞིབ་བརྗོད་རང་བཞིན་གྱི་འཚོལ་ཞིབ་ཅིག་གཏན་འབེབས་བྱེད་པ་དང་། དེས་ཁེ་ཕན་ཞིག་གམ་ཡང་ན་རྒྱུན་མཐུད་རང་བཞིན་བརྩོན་ལེན་བྱེད་ཀྱིན་ཡོད།

過一種生活就是制定一種敘述性的探求,它追求某種功利或者連貫性。

 

རྒྱལ་གཅེས་རིང་ལུགས་ནི་རྩོད་གླེང་ཆེ་བའི་ཀུན་སྤྱོད་ཀྱི་བརྩེ་དུང་ཞིག་ཡིན། མི་ལ་ལས་རྒྱལ་གཅེས་ནི་ཐེ་ཚོམ་སྤུ་ཙམ་ཡང་མེད་པའི་སྤྱོད་བཟང་ཞིག་ཏུ་བརྩི་བ་དང་། མི་ལ་ལས་དངོས་པོ་དེ་རྨོངས་པའི་མགོ་ཁུངས་སུ་བརྩི་བ་དང་། ཧྲ་ཝུན་རིང་ལུགས་དང་དམག་འཁྲུག་གི་འབྱུང་ཁུངས་ཡིན་པར་འདོད་ཀྱིན་ཡོད།

愛國主義是一種備受爭議的道德感情,有些人將愛國看作一種不容置疑的美德,而一些人將它視爲物無知的源頭,沙文主義和戰爭的源頭。

 

མཚན་མཐུན་གཉེན་སྒྲིག་གི་རྩོད་གླེང་ཁྲོད། གནད་དོན་ངོ་མ་ནི་གདམ་ག་བྱེད་པའི་རང་དབང་ལ་ཐུག་མེད་པར། མཚན་མཐུན་ཟུང་འབྲེལ་བྱེད་ན་གཉེན་སྒྲིག་གི་སྤྱི་ཚོགས་སྒྲིག་ལམ་འདིའི་དམིགས་ཡུལ་ཡོངས་སུ་འགྲུབ་ཡོད་མིན་ལ་ཐུག་ཡོད། སྤྱི་ཚོགས་སྒྲིག་ལམ་དེ་ནི་སྤྱི་གཞུང་ཡོངས་ཀྱི་དང་ལེན་བྱས་ཡོད་པ་ཞིག་ཡིན།

在同性婚姻的爭論中,真正的問題並不在於選擇的自由,而在於同性結合是否值得共同體的尊敬和認可——他們是否實現了婚姻這項社會制度的目的。

 

公正该如何做是好第六集考虑你的动机道德的最高准则- YouTube

སློབ་སྦྱོང་དྲ་གནས། http://open.163.com/special/justice/

རྒྱ་ཡིག་གི་ཟིན་བྲིས་དྲ་གནས། https://khangey.com/cn/?p=1256