མི་རྣམས་ཀྱིས་བདེ་ཐང་གི་འཚོ་བའི་ནི་བོད་ཀྱི་འབྲོག་རའི་རྩི་ཤིང་ཞིག་དང་། རྒྱང་ཐག་རིང་བའི་གྲོང་ཚོ་མཁས་པ་ཞིག་གི་གསང་བའི་མན་ངག་ཡིན་པའི་ངོས་འཛིན་བྱེད་ཀྱིན་ཡོད། དོན་དངོས་སུ། བདེ་ཐང་གི་མན་ངག་སྐོར་གྱི་དོན་དངོས་ནི་མངོན་གསལ་ཡིན་པས། བདེ་ཐང་ལག་དེབ་འདི་ལ་ཤོག་ངོས་གཅིག་མ་གཏོགས་མི་དགོས་པ་རེད།

 

བཟའ་བཏུང་དང་འཚོ་བཅུད་ཀྱི་སྐོར་ལ།

  • ཟ་མ་ཉུང་ཙམ་ཟོ།་ལྷག་པར་དུ་ཀ་ར་དང་སྟབས་བདེ་བའི་ཐན་ཆུའི་འདྲེས་འགྱུར་རྫས། ལྡོག་པའི་ཚིལ་དང་ཚད་ལོངས་པའི་ཚིལ་སོགས་ཉུང་ཙམ་ཟོ།-
  • ཤིང་ཏོག་དང་སྔོ་ཚལ། འབྲུ་རིགས་དཀྱུས་མ་བཅས་མང་ཙམ་ཟ་དགོས།
  • ཁྱོད་ཀྱི་བདེ་ཐང་མིན་པའི་བཟའ་བཏུང་གི་གོམས་གཤིས་ལ་འགྱུར་བ་གཏོང་དགོས།
  • གལ་ཏེ་ཁྱོད་ཀྱི་ནད་ཀྱི་གནས་ཚུལ་ལ་དམིགས་བསལ་གྱི་བཟའ་བཏུང་ཐབས་ཤེས་དགོས་ན།སྨན་པའི་རེ་བ་ལྟར་བཟའ་བཏུང་གི་རེ་བ་བརྩི་སྲུང་བྱེད་རོགས།

 

## འཚོ་བཅུད་རྫས་དང་ཁ་གསབ་རྫས་།

  • གལ་ཏེ་ཁྱོད་ཀྱིས་ཨ་མའི་ནུ་ཞོ་ཡིས་བྱིས་པ་གསོ་བཞིན་ཡོད་ན།་འཚོ་བཅུདDའཐུང་རོགས། གལ་ཏེ་འོ་མའི་དམ་བེ་བཀོལ་ནས་བྱིས་པ་གསོ་ན། འཚོ་བཅུད་ལྕགས་འདུས་པའི་སྡེབ་སྦྱོར་བཀོལ་རོགས།
  • གལ་ཏེ་ཁྱོད་རང་ལོ་ལྔ་བཅུའི་ཡན་ཡིན་ན། ཀལ་ལེབ་དང་འཚོ་བཅུདDའཐུང་རོགས།
  • གལ་ཏེ་ཁྱོད་ནི་སྦྲུམ་མ་ཡིན་པ་དང་ཡང་ན་མངལ་ཆགས་པར་བསམ་བློ་གཏོང་བཞིན་ཡོད་ན་ཕྲུ་གུ་མ་སྐྱེས་གོང་གི་འཚོ་བཅུད་འཐུང་རོགས།

 

རྫས་རིགས་བཀོལ་སྤྱོད།

  • ཐ་མག་མ་འཐེན།་གལ་ཏེ་ཁྱོད་ཀྱིས་ཐ་མག་འཐེན་ན། ཉལ་ཁྲིའི་སྟེང་ནས་མ་འཐེན།
  • འོས་འཚམ་གྱིས་ཆང་འཐུང་དགོས། གལ་ཏེ་ཁྱོད་ལ་མཚོན་ན་ཆང་ཉུང་ཉུང་འཐུང་རྒྱུ་ཧ་ཅང་དཀའ་ན། ཆང་མ་འཐུང་།
  • ནད་བྱུང་ནས་སྨན་བཅོས་བྱེད་སྐབས་མ་གཏོགས། གང་འདོད་དུ་སྨན་གང་ཡང་མ་འཐུང་།

ལུས་རྩལ་དང་གཉིད་ཉལ་བ།

  • ཁྱོད་ཀྱི་ལོ་ཚོད་དང་ནད་ཀྱི་གནས་ཚུལ་ལ་གཞི་ནས་སྐར་མ 30 ནས 60 བར་ལ་མགོ་སྔ་ཡོད་པའི་སྦྱོང་བརྡར་བྱེད་པར་འཚམ། སྦྱོང་བརྡར་བྱེད་པར་སྤྲོ་སེམས་ཡོད་ན་ལྷག་པར་ཕན། མ་ཟད་གཟའ་འཁོར་རེར་ཉུང་མཐར་
  • ཡང་ཐེངས་གསུམ་ལ་ལུས་སྦྱོང་བྱེད་དགོས།
  • འགྲོ་འོང་མང་ཙམ་བྱེད་ན་བཟང་། རྡོ་སྐས་ལ་ཡར་འཛེགས་མར་འབབ་བྱེད་ཐུབ་ན་རབ་ཡིན།
  • གང་ཐུབ་ཅི་ཐུབ་ཀྱིས་གོམས་གཤིས་ལྡན་པའི་གཉིད་ཉལ་དུས་ཚོད་རྒྱུན་འཁྱོངས་བྱེད་དགོས།

འགོས་ནད་འགོག་བཅོས་བྱེད་ཐབས།

  • བཟའ་བཏུང་དང་གཡོས་སྦྱོར་སྔོན་ལ་ལག་པ་བཀྲུ་དགོས།
  • འོས་འཚམ་སྒོས་ཟས་རིགས་གསོག་ཉར་དང་གཡོས་སྦྱོར་བྱེད་དགོས། ལྷག་པར་ཤ་རིགས་ལ་བདག་པོ་ཡག་པོ་རྒྱག་དགོས།
  • ཆུ་མགོ་གཙང་མ་དང་གཙང་སྦྲའི་ཐག་གཅོད་བྱས་ཟིན་པའི་ཆུ་ཁོ་ན་འཐུང་བ།
  • ཆགས་སྤྱོད་བྱེད་སྐབས་བདེ་ཐང་ལ་ལྷག་པར་དོ་སྣང་བྱེད་དགོས། རབ་ཡིན་ན་སྲུང་ཤུབས་འདོགས་དགོས།
  • འདག་རྫས་དང་ཆུ་ཡིས་རྨས་ཡང་མོ་བཀྲུས་ནས་རྨ་ཁ་མྱུར་མོར་དཀྲི་དགོས།
  • དུག་སྦྲང་དང་འབུ་སྲིན་ངན་པ་ཉེ་འགྲམ་ཁོར་ཡུག་ཁྲོད་དུ་ཡོད་ན། འོས་འཚམ་གྱི་ལྭ་བ་གྱོན་དགོས་པ་དང་འབུ་གསོད་བྱེད་བཀོལ་སྤྱོད་དགོས།
  • སྡོད་རྩ་བཀོལ་ནས་དུག་ཁབ་མ་རྒྱག གལ་ཏེ་ཁྱོད་ཀྱིས་དུག་ཁབ་རྒྱག་བསམ་ནའང་མ་མཐར་ཁབ་ཆས་མཉམ་སྤྱོད་མ་བྱེད།

 

སྤྱི་བཏང་གི་འཚོ་བའི་ཁྲོད་ཀྱི་བདེ་འཇགས་རྒྱུན་ཤེས།

  • རླངས་འཁོར་ཁ་ལོ་བྱེད་དུས་བདེ་སྲུང་སྒྲོག་ཐག་རྒྱག་དགོས།བྱིས་པར་རླངས་འཁོར་གྱི་བདེ་འཇགས་རྐུབ་སྟེགས་གྲ་སྒྲིག་བྱེད་དགོས།
  • ལྕགས་རྟ་དང་འཕྲུལ་རྟ་ཞོན་པའི་སྐབས་སུ་རྨོག་ཞྭ་གྱོན་དགོས་པ་མ་ཟད།འགོག་སྲུང་སྒྲིག་ཆས་གཞན་པ་བཀོལ་ནས་འོས་འཚམ་གྱི་རང་ལ་སྲུང་སྐྱོབ་བྱེད་དགོས།
  • གལ་ཏེ་ཁྱིམ་ན་མེ་མདའ་ཡོད་ན། མེ་མདའ་བདེ་འཇགས་ངང་བདག་པོ་རྒྱག་དགོས།
  • འཚོ་བ་དང་ལས་གཉེར་གང་རུང་གི་ཁྲོད་དུ་ཀུན་གྱིས་ཁས་ལེན་པའི་བདེ་འཇགས་གོ་རིམ་ལ་བརྩི་སྲུང་བྱེད་དགོས།
  • ཆང་འཐུང་རྗེས་སམ་ཐང་ཆད་པའི་སྐབས། ཡང་ན་སེམས་གཡེང་བའི་སྐབས་སུ་རླངས་འཁོར་དང་སྒུལ་ཤུགས་སྒྲིག་ཆས་སོགས་བཀོལ་སྤྱོད་མ་བྱེད།
  • ལམ་ནས་འགྲོ་སྐབས་སུ་ཕྱོགས་བཞི་བོར་སྔོན་ལྟ་བྱེད་དགོས།
  • གྲུ་གཏོང་བའི་སྐབས་སུ་སྲོག་སྐྱོབ་ལྭ་བ་གྱོན་དགོས། རྒྱུས་ལོན་མེད་པའི་རྫིང་བུ་སོགས་ནས་འདང་རྒྱག་མེད་པར་ཆུ་རྐྱལ་མ་བྱེད། རབ་ཡིན་ན་ཆུ་རྐྱལ་ཤེས་དགོས།

 

སེམས་ཁམས་བདེ་ཐང་།

  • རང་གཞན་སུ་ཡིན་རུང་འདྲ་མཉམ་ཡིན་པ་ཤེས་དགོས།
  • རང་ཉིད་ཀྱི་བྱ་སྤྱོད་ལ་འགན་འཁུར་དགོས་། ད་རུང་གཞན་ཕན་གྱི་ལྷག་བསམ་བཅིངས་ནས་མི་གཞན་པར་རོགས་རམ་བྱེད་དགོས།
  • གྲོགས་པོ་མང་པོ་སྒྲིག་ནས་མཛའ་མཐུན་རྒྱུན་འཁྱོངས་བྱེད་དགོས།
  • ཚིག་ངན་པ་བཤད་ན་གཞན་སེམས་མ་དཀྲུགས། ད་དུང་མི་གཞན་གྱི་སྐྱོན་འཚང་མ་འདོན།
  • ཏིང་ངེ་འཛིན་སྒོམ་པ་དང་གསོལ་འདེབས་སོགས་བྱེད་ནས་དུས་རྒྱུན་འཚོ་བའི་ཁྲོད་ནས་སེམས་ཁམས་ལྷོད་གཡེང་གི་ཐབས་རྩལ་ལག་ལེན་གཏོང་དགོས།
  • དོན་དག་ཆུང་ཆུང་ལ་སེམས་ཁུར་མ་བྱེད། མ་ཟད་དོན་དག་ཆེ་ཆུང་གི་དབྱེ་བ་འབྱེད་ཤེས་དགོས།
  • གནས་བབ་ངན་པའི་འོག་རང་ཉིད་ཀྱིས་བསྒྱུར་ཐུབ་པ་རྣམས་བསྒྱུར་བཅོས་དང་། བསྒྱུར་མི་ཐུབ་པ་རྣམས་དང་ལེན་བྱེད་ཤེས་དགོས།
  • གང་ཐུབ་ཅི་ཐུབ་ཀྱིས་བྱ་བ་ག་གེ་མོ་ཞིག་ལེགས་པར་བསྒྲུབ་དགོས།(འོན་ཀྱང་རང་ཉིད་ཀྱི་ནུས་པའི་ཁྱབ་ཁོངས་ལས་བརྒལ་བའི་ལས་སུ་མ་ཞུགས།)
  • ཁྱིམ་ཚང་དང་སྡེ་ཁུལ་ལ་ཕན་པའི་བྱ་བ་ཁ་ཤས་བསྒྲུབ་དགོས།
  • ནམ་ཞིག་ཚེ་ན་རང་ཉིད་ཤི་འགྲོ་བ་ཤེས་དགོས། སྟབས་མ་ལེགས་ཚེ་ཤི་ཁ་ཁྱོད་ཀྱིས་སྡུག་བསྔལ་དང་གྱོང་གུད་མྱོང་སྲིད།

 

འཕྲོད་བསྟེན་བདེ་སྲུང་།

  • ཉིན་གཅིག་ལ་ཉུང་མཐར་ཡང་སོ་ཐེངས་གཉིས་ལ་བཀྲུ་དགོས།
  • དུས་ལྟར་སོའི་སྨན་པར་བལྟས་ནས་སོ་ལ་གཙང་འཁྲུད་དང་ཞིབ་བཤེར་བྱེད་དགོས།
  • རྒྱུན་པར་ལུས་ཁམས་བདེ་སྲུང་གི་སྨན་པར་བསྟེན་ནས་ལོ་ན་དང་ཕོ་མོའི་ཁྱད་གཤིས་དང་མཐུན་པའི་ལུས་ཕུང་དབྱེ་བ་བརྟག་དཔྱད་བྱེད་དགོས།(དེ་ཁྲོད་དུ་ཁྲག་ཤེད་དང་། རྒུན་འབྲུམ་མངར་ཆ། ཚིལ་གྱི་ཆུ་ཚད། བུ་སྣོད་སྐེ་དང་ནུ་མ། རྒྱུ་མའི་འབྲས་སྐྲན་བཅས་ལ་བརྟག་དཔྱད་བྱེད་དགོས།) ཕྲུ་གུ་མ་སྐྱེས་གོང་ལ་བརྟག་དཔྱད་བྱེད་དགོས་པ་དང་ཕྲུ་གུ་བཙས་རྗེས་སྔོན་འགོག་སྨན་ཁབ་རྒྱག་དགོས།
    ཉི་མར་ལྡེ་བར་སེམས་ཆུང་བྱོས། ཉི་མ་ལྡེ་སྐབས་སུ་ཉི་འགོག་བྱུག་རྫས་བྱུགས་རོགས།
  • གལ་ཏེ་ལུས་ཕུང་དང་སེམས་ཁམས་ཀྱི་སྟེང་ནས་བདེ་ཐང་མིན་པར་དོགས་པ་སྐྱེས་ན། ནད་བརྟག་སྨན་བཅོས་བྱེད་མཁན་ཚད་ལྡན་ཅན་ལ་སྐད་ཆ་འདྲི་དགོས། ཁྱོད་ཀྱིས་ཁོ་ཚོར་ཡིད་ཆེས་བྱས་ན། ཁོ་ཚོའི་བསམ་འཆར་དང་ལེན་བྱེད་རོགས། གལ་ཏེ་ཁོ་ཚོར་ཡིད་ཆེས་མ་བྱས་པའམ་ཡང་ན་ཁོ་ཚོས་བཤད་པའི་སྐད་ཆ་ཧ་ལམ་ཡིད་ཆེས་ཐབས་བྲལ་བའི་ཚད་དུ་སླེབས་ན། གནད་དོན་དེར་སྣང་ཆུང་གཏན་ནས་བྱེད་མི་རུང་བར་བསམ་འཆར་གཞན་དག་བཙལ་དགོས།
  • ཁྱོད་ཀྱིས་གོང་གི་མན་ངག་བརྩི་སྲུང་བྱེད་མཐར་ད་དུང་སེམས་ཁྲལ་ཡོད་ན། དུས་ཚོད་དང་སེམས་ཤུགས། སྒོར་མོ་བཅས་བཀོལ་ནས་སྔར་ལས་བཟང་བའི་ཁ་གསབ་སྨན་རྫས་འཚོལ་བ་དང་། བཟའ་བཏུང་ངམ་འགུལ་སྐྱོད་བཙལ་དགོས། ཡང་ན་བྱིས་པར་དཔེ་ཆ་ཞིག་ངག་འདོན་བྱེད་ཆོག ཡང་ན་སྡེ་ཁུལ་དུ་དགོས་མཁོ་ཡོད་པའི་མི་དེ་དག་ལ་རོགས་རམ་བྱེད་དགོས།

 

ཁྱེད་རང་བདེ་ཐང་ཡོང་བར་སྨོན་།

MSD ཁྱིམ་སྤྱོད་སྨན་བཅོས་ལག་དེབ་གྱི་རྩོམ་སྒྲིག་པ

Robert S. Porter དང MDནས།