Spread the love

འཛམ་གླིང་སྟེང་གི་ལྕགས་ལམ་དང་པོ་དབྱིན་ཇི་ནས་བྱུང་།

དུས་རབས་བཅོ་བརྒྱད་པའི་དུས་དཀྱིལ་དུ་དབྱིན་ཇི་པ་ཝ་ཐི་ཡིས་རླངས་སྒུལ་འཕྲུལ་འཁོར་ལེགས་བཅོས་བྱས། ནུབ་ཕྱོགས་རྒྱལ་ཁབ་སོ་སོ་དུས་དེ་ནས་བཟུང་བཟོ་ལས་གསར་བརྗེ་ཐེངས་དང་པོའི་མགོ་བརྩམས། འཕྲུལ་ཆས་ཀྱིས་རིམ་བཞིན་མི་ཤུགས་དང་སྒོ་ཕྱུགས་ཀྱི་ཚབ་བྱེད་ནས་མེ་འཁོར་འབྱུང་པར་དངོས་པོའི་རྨང་གཞི་བརྟན་པོ་བདིང་། འཛམ་གླིང་སྟིང་གི་ལྩགས་ལམ་ཐོག་དང་པོར་དབྱིན་ཇི་ནས་བྱུང་། ལྩགས་ལམ་དེ་རྡོ་སོལ་གཏེར་ཁ་སི་ཐོ་ཁེ་ཏོན་ནས་གྲུ་ཁི་གྲོང་ཁྱེར་ཏ་ལེན་ཏོན་བར་དུ་འདིང་ཡོད་ལ། སྤྱིའི་རིང་ཐུང་ལ་སྟོང་སྨི་༤༣.༥ཙམ་གདའ།

༡༨༢༥ལོའི་ཟླ་དགུ་བའི་ཚེས་༢༧ཉིན། དབྱིན་ཇི་བ་སི་ཏེ་ཝུན་སོན་ཕ་བུ་གཉིས་ཀྱིས་སྒུལ་ཤུགས་དང་པོ་བྱ་བའི་རླངས་སྒུལ་འཁོར་སྒྲོམ་འཆར་བཀོད་དང་བཟོ་སྐྲུན་བྱས། འཁོར་སྒྲོམ་དེའི་རྗེས་སུ་འགྲུལ་སྐྱེལ་མེ་འཁོར་དང་རྡོ་སོལ་སྐྱེས་འདྲེན་གྱི་མེ་འཁོར་བཅུ་གཉིས་འདྲུད་འཐེན་བྱེད་ཞོར་ལྩགས་ལམ་ལམ་ཐིག་གི་སྟེང་ནས་ཆུ་ཚོས་གཅིག་ལ་སྟོང་སྨི་༢༤ལྷག་གི་མགྱོགས་ཚད་དུ་སླེབས། དུས་དེ་ནས་བཟུང་མིང་དོན་གཉིས་མཚུངས་ཀྱི་ལྩགས་ལམ་སྐྱེས་འདྲེན་དངོས་སུ་བྱུང་། ལྩགས་ལམ་འདི་ཚོད་ལྟའི་འཁོར་རྒྱུག་ལེགས་འགྲུབ་བྱུང་རྗེས་ཚོང་ལས་གཉེར་སྤྱོད་ལ་ཞུགས། དབྱིན་ཇི་ནས་བྱུང་བའི་ལྕགས་ལམ་བདེ་ལེགས་ངང་ཚོང་ལས་སུ་ཞུགས་པ་དེས་འཛམ་གླིང་ལ་འགྲིམ་འགྲུལ་བྱེད་སྟངས་གསར་བ་ཞིག་སྤེལ། དེའི་རྗེས་ནས་འཛམ་གླིང་ཧྲིལ་བོའི་གང་ས་གང་དུ་ལྕགས་ལམ་བཟོ་སྐྲུན་བྱེད་པའི་ཚ་རླབས་འཕྱུར་བྱུང་ལ། ཁྱད་པར་དུ་ཨ་རི་དང་དབྱིན་ཇི། ཧྥ་རན་སུ་དང་འཇན་མན་རྒྱབ་ཁབ་སོགས་ཀྱིས་ལྕགས་ལམ་འདི་ཉིད་རྒྱལ་ཡོངས་བཟོ་ལས་ཅན་དུ་བསྒྱུར་པའི་མཚོན་རྟགས་གལ་ཆེན་ཞིག་དུ་མཐོང་ནས་འགྲན་རྩོད་སྒོས་རང་རང་གི་རྒྱལ་ཁབ་ནས་ལྕགས་ལམ་གྱི་ལམ་ཐག་ཇེ་རིང་དུ་བཏང་།

རླངས་སྒུལ་འཕྲུལ་ཆས་དང་བཟོ་ལས་གསར་བརྗེ་གཉིས་ལ་འབྲེལ་བ་དམ་པོ་ཡོད།

༡༩༨༤ལོར་ཐེངས་དང་པོའི་ཉལ་ཐ་དམག་འཁུརག་བྱུང་། དུས་དེའི་རྗེས་ནས་ནུབ་ཕྱོགས་བཙན་རྒྱལ་རྣམས་ཀྱིས་འཛེམ་བག་མེད་པར་ཀྲུང་གོར་བཙན་འཛུལ་བྱས། དམག་འཁྲུག་མཇུག་སྒྲིལ་རྗེས། ནུབ་ཕྱོགས་མི་སེར་སྤེལ་པའི་དབང་བསྒྱུར་པས་གཏེར་ཁ་རྐུན་སྔོག་བྱེད་ཆེད་དུ་མན་ཆིན་སྲིད་གཞུང་ལ་ཀྲུང་གོར་ནས་ལྕགས་ལམ་འཛུགས་རྒྱུའི་གོ་སྒོན་བློ་འགུག་བྱེད་མོད་གྲུབ་འབྲས་གང་ཡང་མ་ཐོབ། ༡༨༦༥ལོར་དབྱིན་ཇིའི་ཚོང་བ་ཏུའུ་ལན་ཐི་ཡིས་པེ་ཅིང་ཤའོན་ཝུ་སྒོ་ཆེན་ཕྱི་ནས་ཀྲུང་གོའི་ལོ་རྒྱུས་སྟེང་གི་ལྕགས་ལམ་དང་པོ་དངོས་སུ་བཙུགས། དེ་ལ་སྤྱིའི་རིང་ཚད་སྨི་ལྔ་བརྒྱ་ཡོད། འོན་ཀྱང་དེ་ལས་འགྲུབ་རྗེས་ཆིན་སྲིད་གཞུང་གི་དེ་ནི་གདོན་སྲིན་ལ་བརྩིས་ནས་གཏོར་བཤིག་དུ་བཏང་། ༡༨༨༡ལོར། ཁད་ཕིན་གཏེར་ལས་ཅུའུ་ལས་བཟོས་པའི་ཐང་ཤུའུ་ལྩགས་ལམ་འགྲུབ་སོང་། ལྕགས་ལམ་གཏོད་པའི་དུས་མགོར་ཆིན་སྲིད་གཞུང་གིས་ལྕགས་ལམ་སྟེང་དུ་རླངས་སྒུལ་འཕྲུལ་ཆས་ཀྱི་འཁོར་སྒྲོམ་བཙུགས་མི་ཆོག་ཞེས་བཀའ་ཕབ་ཡོད་ཕྱིར་རྟ་དྲེལ་སྤྱད་ནས་མེ་འཁོར་འཐེན་རུ་བཅུག རྗེས་སུ་ཁད་ཕིན་གཏེར་ལས་ཅུའུ་ཡི་ལག་རྩལ་མི་སྣས་བེད་མེད་དངོས་རོ་དུ་སྐྱུར་ཡོད་པའི་ཁྲོ་ཐབ་ཞིག་བསྐྱར་བཟོ་རྒྱབ་ནས་རང་ནུས་ཀྱི་ཀྲུང་གོའི་རླངས་སྒུལ་འཁོར་སྒྲོམ་དང་པོ་སྟེ་འབྲུག་རྟགས་ཅན་འཕྲུལ་འཁོར་བཟོ་སྐྲུན་བྱེད་མཐར། ཐང་ཤུའུ་ལྕགས་ལམ་སྟེང་དུ་ད་གཟོད་རླངས་སྒུལ་འཁོར་སྒྲོམ་གྱིས་འདྲུད་འཐེན་བྱེད་པའི་མེ་འཁོར་དངོས་སུ་བྱུང་། དེ་ནས་བཟུང་རང་རྒྱལ་དངོས་སུ་རླངས་སྒུལ་ལྕགས་ལམ་གྱི་དུས་སྐབས་ལ་སླེབས།

རྒྱ་ནག་གི་རླངས་སྒུལ་མེ་འཁོར།

༡༨༩༥ལོར། ཀྲུང་གོ་དང་ཉི་ཧོང་བར་ལ་༼མ་ཀོན་ཆིངས་ཡིག༽བཞག དེ་ནས་བཟུང་མི་སེར་དབང་བསྒྱུར་རྒྱལ་ཁབ་ཁག་གིས་དཔལ་འབྱོར་འཕྲོག་བཅོན་བྱ་རྒྱུའི་དམིགས་ཡུལ་འགྲུབ་ཆེད་དུ་རིམ་བཞིན་ཀྲུང་གོ་ནས་ལྕགས་ལམ་བཟོ་སྐྲུན་གྱི་དབང་ཆ་འཕྲོག་རེས་བྱས། ༡༩༠༥ལོར། དབྱིན་ཇི་དང་ཨུ་རུ་སུ་བཙན་རྒྱལ་གཉིས་ཀྱིས་བསྟུད་མར་ཅིང་ཀྲང་ལྕགས་ལམ་གྱི་བཟོ་སྐྲུན་དབང་ཆ་འཕྲོག་རེས་བྱེད་ཀྱིན་ཡོད། མན་ཆིན་སྲིད་གཞུང་གི་འཇིགས་ཉེན་གྱི་གནས་བབ་སེལ་ཆེད་ཀྲན་ཐེན་ཡུའུ་ལ་སྤྱི་ཁྱབ་བཟོ་སྐྲུན་པའི་འགན་བཞག་ནས་རང་ནུས་སྒོས་ཅིང་ཀྲང་ལྕགས་ལམ་བཟོ་རྒྱུའི་ཐག་བཅད། ཅིང་ཀྲང་ལྕགས་ལམ་བཟོ་སྐྲུན་བྱེད་མགོར་བཙན་རྒྱལ་རྒྱལ་ཁབ་སོ་སོས་ཀྲུང་གོ་པར་ས་དབྱིངས་འདི་འདྲ་རྙོག་འཛིང་ཅན་གྱི་ཁྲོད་ལྕགས་ལམ་བཟོ་སྐྲུན་བྱེད་རྒྱུའི་ནུས་མཛངས་མེད་པར་འདོད། མཐའ་མར་བཟོ་སྐྲུན་པ་ཀྲན་ཐེན་ཡུའུ་ཡིས་རང་རྒྱལ་གྱི་ནུས་པ་རྐྱང་རྐྱང་ལ་བསྟེན་ནས་༡༩༠༩ལོར་དུས་འཆར་གྱི་སྔོན་དུ་ཅིང་ཀྲན་ལྕགས་ལམ་བཟོ་སྐྲུན་བྱེད་ཚར། ལྕགས་ལམ་འདི་ནི་ཀྲུང་གོ་བས་ཡོངས་སུ་རང་ནུས་སྒོས་འཆར་འགོད་དང་བཟོ་སྐྲུན་བགྱིས་པའི་ལྕགས་ལམ་ཐོག་མ་ཡིན་ལ། ལྕགས་མལ་བཟོ་སྐྲུན་བྱེད་པའི་གོ་རིམ་ཁྲོད། ཀྲན་ཐེན་ཡུའུ་ཡིས་ཐད་བྲུས་གཏེར་ཁྲོན་སྔོག་ཐབས་དང་སུམ་མདོ་དབྱིབས་ཀྱི་ལམ་རིས་བཟོ་སྐྲུན་བྱེད་ཐབས་གཉིས་གསར་གཏོད་བྱེད། དེ་ཁྲོད་ཀྱི་སུམ་མདོ་དབྱིབས་ཀྱི་ལམ་རིས་བཟོ་སྐྲུན་བྱེད་ཐབས་ད་ལྟའི་དུས་སུ་ད་དུང་བེད་སྤྱོད་བྱེད་བཞིན་ཡོད། ཅིང་ཀྲན་ལྕགས་ལམ་བཟོ་བསྐྲུན་བྱེད་པ་བརྒྱུད་ནས་འཛམ་གླིང་སྟེང་གི་རྒྱལ་ཁབ་ཀུན་ལ་ཀྲུང་གོ་པར་རང་ནུས་སྒོས་ལྕགས་ལམ་འཛུགས་སྐྲུན་བྱེད་རྒྱུའི་ནུས་མཛངས་ལྡན་པ་ར་སྤྲོད་བྱེད། དུས་དེ་ནས་བཟུང་། ཀྲུང་གོས་ལྕགས་ལམ་བཟོ་ན་ངེས་པར་དུ་ཕྱི་གླིང་པར་བསྟེན་དགོས་པའི་ལོ་རྒྱུས་མཇུག་སྒྲིལ་པ་དང་རྒྱ་ནག་གི་ལྕགས་ལམ་འཛུགས་སྐྲུན་གྱི་ལས་གཞག་ཡར་ངོས་ཟླ་ལྟར་འཕེལ་རྒྱས་ཆེན་པོ་བྱུང་།