༢༠༡༩ལོའི་ཟླ་དགུ་པའི་ཚེས་བརྒྱད་ཉིན། རེ་གཟའ་བདུན་པ། དྲོ་གྲང་ངེས་མེད།

/ 0评 / 0

༢༠༡༩ལོའི་ཟླ་དགུ་པའི་ཚེས་བརྒྱད་ཉིན། རེ་གཟའ་བདུན་པ། དྲོ་གྲང་ངེས་མེད།

ཉིན་ཐོ་འབྲི་བ་དང་ཐོག་རང་ཉིད་ཀྱི་འཚོ་བའི་དངོས་བྱུང་དག་ཟིན་བྲིས་སུ་བཏབ་ནས་རྗེས་དྲན་རང་བཞིན་ཅན་གྱི་ཡིག་ཆ་རུ་གྱུར་དགོས་བསམ་ཡོད་མོད། འོན་ཀྱང་ཟླ་བ་གཉིས་ལྷག་གི་རིང་ལ་ཉིན་ཐོ་བྲིས་པ་དེས་ང་ལ་འཚོ་བའི་ཁྲོད་ཀྱི་མདོ་མེད་ཟིང་ཟིང་མ་གཏོགས་ཚོར་རྒྱུ་མ་བྱུང་། སྤྱིར་བཤད་ན་འཚོ་བ་ལས་ཆེས་མང་བའི་དུས་ལ་ང་ཚོས་ལས་ཕྱོད་གང་ཡང་མེདཔའི་ལས་ཀ་གཉེར་བཞིན་ཡོད་པ་དང་མདོ་མེད་ཀྱི་དུས་ཚོད་བེད་སྤྱད་ནས་འཁྱམས་མཉུལ་བྱེད་བཞིན་ཡོད་པ་རེད། དེ་བས་ངེས་པར་དུ་ཉིན་རེར་དོན་སྙིང་ལྡན་པའི་ལས་ཀ་གཉེར་རྒྱུ་ལས་གཞན་ད་དུང་འཚོ་བའི་ཁྲོད་ཀྱི་བརྩེ་བ་སྣ་མང་དང་མཐོང་མཐོས་གསོན་ཉམས་ཅན་ལ་གཟབ་ནན་སྒོས་ཡིད་འཇོག་བྱ་འོས་སོ།།

མདོ་ལར་ཐོན་པའི་ཉིན་གཉིས་པར་སྔར་གདུགས་དཀར་ཚང་ལ་གབཞག་ཡོད་པའི་དཔེ་ཆ་དག་རྩྭ་ཐང་ས་ཚིགས་ཀྱི་གཞུང་ལས་ཁང་ལ་སྐྱེལ་བ་ཡིན། སྔ་དྲོའི་མཚམས་སུ་ལག་རོགས་གང་བྱུང་བཙལ་བ་དང་རླངས་འཁོར་འཚོལ་ཆེད་དུ། གདུགས་དཀར་སྲང་མདོ་ལ་གཉུག་ནས་མི་འཚོལ་རུ་ཕྱིན། ངས་ཁང་ཁྱིམ་ནང་ནས་གཞུང་ཞབས་པའི་རྒྱུགས་གཞི་འགར་བལྟས་པ་ཡིན། དགུང་ཚིགས་ཀྱི་མཚམས་སུ་། དཔེ་ཆ་རྣམས་གཅིག་རྗེས་གཉིས་མཐུད་དུ་གཞུང་ལས་ཁང་ལ་སྐྱེལ་པ་ཡིན། ལག་རོགས་གཙོ་བོ་རྡོ་རྗེ་དང་རྡོ་རྗེ་དཔལ་འབྱོར་གཉིས་ཐོན་ཡོད། རྡོ་རྗེ་དཔལ་འབྱོར་ལ་རྮངས་འཁོར་ཡོད་སྟབས་སྟབས་བདེ་པོ་ངང་སྐྱེལ་རྒྱུ་བྱུང་། དཔེ་ཆ་རྣམས་གྲལ་སྒྲིག་བཞིན་པའི་སྒང་ལ་ངས་རྡོ་རྗེ་ལ་ཧ་ཧྥོ་སློབ་ཆེན་གྱི་༼སློབ་ཆེན་གྱི་རིན་ཐང་དང་དེའི་བསམ་འདུན་༽ཞེས་པ་དེ་འོས་སྦྱོར་བྱེད་མོད། འོན་ཀྱང་ཁོང་གིས་ངེས་པར་དུ་གཡར་དགོས་པའི་རེ་བ་བཤད། དེ་བས་ཁ་ངོ་མི་ཆོད་རུང་གཡར་ཟིན། རྡོ་རྗེ་དཔལ་འབྱོར་གྱིས་ཕྱི་དྲོ་མཚམས་སུ་ཁོང་གི་གློག་ཀླད་ནང་ལ་རྒྱུན་སྤྱོད་ཇུས་བཀོད་མཉེན་ཆས་འགའ་སྒྲིག་འཇུག་གཏོང་དགོས་ཟེར། དེ་བས་ཕྱི་དྲོ་གང་བོར་ཕྱི་ཕྱོགས་གི་གསར་འགྱུར་ལ་ལྟ་ཞོར་དུ་མཉེར་ཆས་དེ་ག་སྒྲིག་འཇུག་བྱེད་པ་ཡིན།

སྲོད་ལ་ཕྱིར་གདུགས་དཀར་ཚང་ལ་ཕྱིན་ནས་དགོང་ཇ་འཇུང་། ཁྲུས་ཤིག་བྱེད་ན་བསམ་མོད་སང་ཉིན་གདུགས་དཀར་ཟི་ལིང་ལ་ཚོགས་འདུ་རུ་ཞུགས་དགོས་པའི་ཁོང་གིས་ཆུ་སྒོ་ཕྱེས་བྱུང་། ཉལ་ཁ་གུང་ཁྲན་ཏང་གི་རྒྱང་བསྐྱོད་སྐབས་སུ་བྱུང་བའི་གཏམ་རྒྱུད་དང་འབྲེལ་བའི་བརྙན་འཕྲིན་ཟློས་གར་ཞིག་ལ་བལྟས་པ་ཡིན། བལྟས་ཚར་དུ་ཆུ་ཚོད་བཅུ་ཐམ་པ་ལ་ཐོན་འདུག ཐང་ེད་པའི་སྣང་བ་ཤིན་ཏུ་དྲགས་པས་གཉིད་ལ་ཁུག་བྱུང་།

བོད་ཡིག་གི་ཝེ་ཁེ་རིག་མཛོད་དྲ་ཚིགས་ཕྱིར་སླར་གསོ་བྱུང་སོང་།

རེད་དེ། ཉིན་ཐོ་འདི་དགེ་རྒན་དུས་ཆེན་གྱི་ཉིན་ལ་ཁ་སྣོན་རྒྱབ་པ་ཡིན།

Leave a Reply

Your email address will not be published. Required fields are marked *